查看原文
其他

བོད་རྒྱ་སྐད་གཉིས། 藏汉双语 | 幸福百县:与时间赛跑的比如教育

网信比如 2023-12-15

友情提示

点击上面“网信比如”可关注哟~

友情提示:

阅读本文大概需要5分钟

བདེ་སྐྱིད་ཀྱི་རྫོང་བརྒྱ།  དུས་ཚོད་དང་རྒྱུག་འགྲན་བྱེད་བཞིན་པའི་འབྲི་རུའི་སློབ་གསོ།

幸福百县:与时间赛跑的比如教育

前言

འབྲི་རུ་དེ་བདེ་སྐྱིད་རྫོང་བརྒྱའི་གྲས་སུ་ཚུད་པ་སྟེ། 2018ལོའི་ཟླ་10པར་《འབྱོར་འབྲིང་》དུས་དེབ་ཁང་གིས་རྒྱལ་ཁབ་ཆ་འཕྲིན་ལྟེ་གནས་དང་མཉམ་འབྲེལ་ཐོག་འབྲེལ་ཡོད་རིགས་གཅིག་མཁས་ཅན་དང་སྒྲིག་གཞི་བཅས་མཉམ་དུ་“2018ལོའི་ཀྲུང་གོའི་བདེ་སྐྱིད་འབྱོར་འབྲིང་སྟོན་གྲངས་”ཀྱི་“བདེ་སྐྱིད་རྫོང་བརྒྱ་འཚོལ་བའི་”བརྟག་དཔྱད་བྱས་ཏེ་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་27དུ“བདེ་སྐྱིད་འཚོལ་བའི་”བྱེད་སྒོ་སྤེལ་བ་རེད། མཐར་གྲོང་ཁྱེར་ཆུང་གྲས་100“བདེ་སྐྱིད་རྫོང་བརྒྱའི་མིང་ཐོའི་”ཐོག་བཀོད་པ་དང་། འབྲི་རུ་རྫོང་འདི་རང་བྱུང་སྣོད་བཅུད་ཁོར་ཡུག་བཟང་བ་དང་། མཁའ་རླུང་སྤུས་ཚད་ལེགས་པ། སློབ་གསོའི་མ་ལག་ཆ་ཚང་བ། སྨན་བཅོས་ཆུ་ཚད་ལེགས་པ། ཕུན་སུམ་ཇེ་ཚོགས་ཀྱི་ལོ་རྒྱུས་གསོག་འཇོག་དང་སྤྱི་ཚོགས་ཀྱི་རིག་གནས་ཀྱི་ནང་དོན་ལྡན་པ། མི་དམངས་ཀྱི་སྐྱིད་སྣང་ཆེ་བ་བཅས་ཀྱི་དབང་གིས་མིང་གྲལ་དུ་ཚུད་ཡོད་པ་རེད།     

比如县成功入选幸福百县:2018年10月,《小康》杂志社联合国家信息中心,会同有关专家及机构进行了“2018中国幸福小康指数”之“寻找幸福百县”调查,在全国27个省市展开一次“幸福寻访”。最终,100座小城登上“幸福百县榜”,比如县因自然生态环境好、空气质量好、教育配套完备、医疗水平较好、有丰富的历史积淀和人文底蕴、人民幸福感强而榜上有名!

འབྲི་རུ་རྫོང་སློབ་འབྲིང་གཉིས་པར་འབྱོར་སྐབས། མིག་ལམ་དུ་འཆར་བ་ནི་སློབ་ཁྲིད་ཐོག་ཁང་གསར་པ་དང་།སློབ་མ་ཚོའི་བྲེལ་ཚུབ་ཀྱི་གོམ་སྟབས། སློབ་ཁྲིད་བྱེད་པའི་བརྒྱུད་རིམ་ནང་དགེ་རྒན་གྱིས་སློབ་མ་ཚོ་དང་བྱམས་བརྩེའི་ངང་སྤེལ་རེས་བྱས་ཏེ་སློབ་མ་ཚོར་ཤེས་བྱ་སློབ་ཁྲིད་བྱས་པ་མ་ཟད། སློབ་མ་ཚོའི་ཁྲ་ཆུང་མིག་ཟུང་གཉིས་ལས་ཤེས་བྱར་སྐོམ་པ་ཆུ་འདོད་ལྟར་གྱི་རེ་བས་ཁེངས་པ་མངོན་གྱི་འདུག

走进比如县第二中学,映入眼帘的是崭新的教学楼,校园内,学生们步履匆忙。课堂上,老师与学生们亲切互动,传授学生们知识,而学生们的眼睛里充满了对知识的渴望。

ཕྱི་དྲོའི་དྲོ་འཇམ་གྱི་ཉི་འོད་དེ་སློབ་མའི་མཉེན་འཇམ་གྱི་ངོ་གདོང་ལ་འཕྲོས་ཤིང་། ལག་རྩེད་སྤོ་ལོའི་ཐང་དུ་ཕར་རྒྱུག་ཚུར་རྒྱུག་བྱེད་བཞིན་པའི་སློབ་མ་དེ་དག་གིས་ལང་ཚོའི་སྐྱེ་སྟོབས་ངོམས་བཞིན་མཆིས།

午后的阳光正好,照射在来往学生们稚嫩的脸上。篮球场上奔跑的学生们,洋溢着青春的气息。

“ང་འབྲི་རུ་རྫོང་དུ་སློབ་ཁྲིད་བྱས་ནས་ལོ་ཉི་ཤུ་ཕྱིན་སོང་།ད་ལྟའི་ཕྲུ་གུ་ཚོ་དངོས་གནས་བདེ་སྐྱིད་ལྡན་པ་ཞིག་རེད།ང་ལས་ཀར་ཞུགས་མ་ཐག་པའི་སྐབས་སུ་འབྲི་རུ་རྫོང་གི་སློབ་གསོ་དང་སློབ་ཁྲིད་ཀྱི་ཆ་རྐྱེན་ཧ་ཅང་གི་ཞན་ལ་དགེ་སློབ་ཁྱོན་བསྡོམས་བརྒྱ་ཕྲག་ཁ་ཤས་ལས་མེད་པའི་རྫོང་ལྟེ་བའི་སློབ་ཆུང་དང་ད་ལྟའི་མི་སྟོང་ཕྲག་འགའ་ཤས་ཡོད་པའི་སློབ་གྲྭ་ནི་སྡུར་ཐབས་ག་ལ་ཡོད། ཕྱིས་སུ།ཉེ་དུས་ཀྱི་སྐབས་རིམ་པའི་དབུ་ཁྲིད་དང་ལྷག་པར་དུ་གྲོང་ཨུད་ཀྱི་རྒྱུན་ཨུད།རྫོང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཀང་ཕྱོགས་ཀྱིས་གཙོ་འཛིན་གནང་པའི་རྫོང་ཨུད་དང་རྫོང་སྲིད་གཞུང་ཚན་ཁག་གིས་ཚད་མཐོའི་མཐོང་ཆེན་བྱས་ཐོག་“གཅིག་སྡུད་འོས་འཚམ་དང་།མཉམ་འབྲེལ་སློབ་གཉེར་གྱི་སློབ་གསོ་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་པ་དང་།  སློབ་ཁྲིད་དགེ་རྒན་དང་རྨང་གཞིའི་སྒྲིག་བཀོད་སོགས་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ། སློབ་གསོ་དོ་སྙོམས་དམ་འཛིན་བྱ་གཞིར་བྱས་ནས། སློབ་གསོའི་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད་པས།འབྲི་རུ་རྫོང་གི་སློབ་མས་ལྷ་ས་དང་ནང་སའི་སློབ་མ་དང་འདྲ་བའི་ཐོབ་ཐང་རིམ་བཞིན་ལོངས་སྤྱོད་ཐུབ་པ་དང་། ཆུང་རྒྱུགས་དང་འབྲིང་རྒྱུགས་གི་གྲུབ་འབྲས་ལོ་མང་བསྟུད་མར་གྲོང་ཁྱེར་དེ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ནས་འབྲི་རུ་རྫོང་གི་འོད་སྟོང་འབར་བའི་སློབ་གསོའི་གྲུབ་འབྲས་དེ་ནི་འབྲི་རུ་རྫོང་གི་ལོ་རྒྱུས་ཐོག་སྔར་བྱུང་མེད་པ་ཞིག་རེད།”ཅེས་འབྲི་རུ་རྫོང་སློབ་འབྲིང་གཉིས་པའི་ཏང་ཀྲི་པུའི་ཧྲུའུ་ཅི་ཏིང་ལིང་ཧྥང་གིས་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བཤད། 

“在比如县教书二十年了。现在的小孩真的很幸福,在我刚参加工作的时候,比如县教育教学条件简陋,县中心小学师生的数量几百人远不及现在的几千上万人,后来,在近几届特别是以市委常委、县委书记陈刚为班长的县委、县政府班子高度重视下,坚持“适度集中、联合办学”教育发展理念,教学师资、基础设施等逐渐完善,以教育均衡为抓手,教育质量得到明显提升,比如县学生逐步享受到像拉萨、内地学生一样的待遇,中考小考成绩连续多年在全市名列前茅,比如县教育的辉煌,是比如县历史上所没有的。”比如县第二中学党支部书记丁玲芳接受采访时说道。

ཉེ་བའི་ལོ་ཤས་རིང་།འབྲི་རུ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་“གཅིག་སྡུད་འོས་འཚམ་དང་།མཉམ་འབྲེལ་སློབ་གཉེར་”གྱི་སློབ་གསོ་འཕེལ་རྒྱས་འདུ་ཤེས་མཐའ་འཁྱོངས་ཀྱིས་བློ་ཁོག་ཆེན་པོས་སྒྱུར་བཅོས་དང་གསར་གཏོད་བྱེད་ཕོད་པ་བྱས་ཏེ་སློབ་གསོ་འཕེལ་རྒྱས་དང་སྨན་བཅོས་ཐོན་ཁུངས་གོང་འོག་འབྲེལ་མཐུད་ཐུབ་རྒྱུར་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་དོ་སྙོམས་ངང་ཁྱབ་ཐུབ་པ་དང་སློབ་གསོའི་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་ཐུབ་པ་བཅས་བྱུང་བས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་བུ་ཕྲུག་སློབ་གྲྭར་ཡག་པོ་སྐྱོད་ཐུབ་རྒྱུའི་འདུན་པ་བསྐངས་ཡོད། ལྷག་པར་དུ་གྲོང་ཨུད་ཀྱི་རྒྱུན་ཨུད་རྫོང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཀང་ཕྱོགས་གིས་གཙོ་འཛིན་གནང་བའི་སྐབས་གསར་པའི་རྫོང་ཨུད་ཚན་ཁག་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་ཚན་ཁག་གི་ཁོངས་མིས་སློབ་གསོ་ལག་ལེན་ལ་བརྟེན་ནས་སྤྱོད་གོ་ཆོད་པའི་ལག་ལེན་གྱི་ཉམས་མྱོང་རབ་དང་རིམ་པ་ཞིག་ཆགས་པ་དང་། འབྲི་རུའི་སློབ་གསོའི་“སྨྱུག་བརྩོན་”གྱི་དུས་རབས་གསར་པའི་ལེའུ་བརྩམས་ཡོད། 

近年来,比如县委、县政府坚持“适度集中、联合办学”教育发展理念,大胆改革、勇于创新,促进教育、医疗资源上下贯通,城乡均衡分布,教育质量得到明显提升,满足了广大人民群众送子女上好学的愿望。特别是在市委常委、县委书记陈刚为班长的新一届县委班子的坚强领导下,班子成员躬身教育实践,形成了一系列行之有效的实践经验,谱写了比如教育“奋进之笔”的新时代篇章。

སློབ་གསོ་ནི་དམངས་འཚོ་ཆེ་ཤོས་དེ་ཡིན། 2019ལོ་ཚུན་ཆད་དུ་རྫོང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཀང་གིས་སྔ་རྗེས་སུ་ཆགས་རྩེ་ཤང་དང་། ཟླ་ཐང་ཤང་། ཚྭ་ཆུ་ཤང་། བརླན་ཆུ་ཤང་བཅས་ཀྱི་སློབ་ཆུང་དང་། རྫོང་སློབ་འབྲིང་དང་པོ། སློབ་འབྲིང་གཉིས་པ། རྫོང་སྤྱི་པའི་ལས་རིགས་ལག་རྩལ་དངོས་སྦྱོང་རྟེན་གཞིར་བསྐྱོད་ནས་སློབ་གྲྭ་ཁག་གི་འཛུགས་སྐྲུན་འཕེལ་རིམ་དང་འཆར་འགོད། དགེ་སློབ་ཀྱི་ཞག་སྡོད་དང་ཉལ་ཁང་གི་བདེ་འཇགས་དོ་དམ། ཆུ་དང་དྲོད་རླངས་མཁོ་འདོན། འཚོ་བའི་བཟའ་བཏུང་བཅས་ཀྱི་གནས་ཚུལ་ལ་ཞིབ་བཤེར་མཛུབ་ཁྲིད་དང་། ཚན་རིག་ཚོད་ལྟ་ཁང་དང་། མི་རིགས་མཛེས་རྩལ་(ཐང་གའི་རི་མོ)འཛིན་གྲྭ གཡོས་སྦྱོར་མ་བྱན་ལག་རྩལ་སོགས་ཆེད་ལས་འཛིན་གྲྭ་བདུན་གྱི་སྤེལ་ཚུལ་ལ་ཞིབ་བཤེར་མཛུབ་ཁྲིད་གནང་ཡོད་པ་རེད། ཧྲུའུ་ཅི་ཁྲེན་ཀང་ཕྱོགས་གིས་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་ཏན་ཏིག་གཏོང་བ་དང་སློབ་གསོ་དོ་དམ་ལ་དམ་འཛིན་ཡག་པོ་བྱ་རྒྱུ་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་སློབ་སྦྱོང་གི་ཁོར་ཡུག་བཟང་པོ་ཞིག་ཧུར་ཐག་གཏོད་པ་དང་། འབྲི་རུའི་སློབ་གསོའི་སྤུས་ཚད་ཀྱི་“མཆོང་སྐྱོད་རང་བཞིན་”མཐོ་རུ་གཏོང་རྒྱུར་གསོན་ཤུགས་ཆེན་པོ་སྣོན་དགོས་ཞེས་ནན་བཤད་གནང་བ་རེད། 

教育是最大的民生。2019年以来,陈刚书记先后深入恰则乡、达塘乡、茶曲乡、良曲乡小学,县第一中学、第二中学、县公共职业技能实训基地,检查指导各学校建设进度和规划、关心师生住宿和宿舍安全管理、供水供暖、生活饮食情况,察看科学实验室,民族美术(唐卡绘画)班、烹饪厨艺等七项专业班开展情况,重点了解了学前招生工作、学生入学率、教学质量提升、校园文化建设、兴趣班规范推广、技能专业学习等开展情况,陈刚书记强调,要切实把提升教学质量、抓好教育管理作为当前的一项重要政治任务,努力营造良好的学习环境,为比如教育质量“跨越式”提升注入强大活力。

ལོ་འགོར་འཚོགས་པའི་སློབ་གསོའི་ལས་དོན་ཚོགས་འདུའི་ཐོག་འབྲི་རུ་རྫོང་སློབ་གསོའི་ལས་དོན་ལ་གནད་ལ་འཕིགས་པའི་ལྟ་སྟངས་འཛིན་པ་དང་། འབྲི་རུའི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་དམིགས་ནས། སླད་ཕྱིན་གྱི་སློབ་གསོ་འཕེལ་རྒྱས་ཀྱི་འཆར་གཞི་བཀོད་ཡོད། རྫོང་ཨུད་ཀྱི་ཧྲུའུ་ཅི་སྐུ་གཞོན་སྲིད་གཞུང་གི་རྫོང་དཔོན་སྤེན་པ་ཚེ་རིང་ཕྱོགས་གིས་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་། ལྷག་པར་དུ་འདི་ལོའི་རྫོང་ཡོངས་ཀྱི་སློབ་གསོའི་ལས་དོན་བཀོད་སྒྲིག་གནང་ནས་བླང་བྱ་དེ་བས་མཐོ་བ་བཏོན་པ་དང་དུས་མཚུངས་འབྲི་རུའི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་རེ་བ་ཆེན་པོ་བཅོལ་གནང་བ་རེད། 

于年初召开的教育工作会议上,对比如教育进行了精准把脉,聚焦比如教育事业发展,描绘了今后教育发展的蓝图。县委副书记、政府县长边巴次仁对当前和今后一个时期特别是今年全县教育工作进行了安排部署,提出了更高的要求,同时对比如县教育事业发展寄予了厚望。

ལྷག་པར་དུ། ཉེ་དུས་ཧྲུའུ་ཅི་ཁྲེན་ཀང་ཕྱོགས་ནས་གཙོ་སྐྱོང་གནང་སྟེ་འཚོགས་པའི་སློབ་གསོའི་ལས་དོན་འཕེལ་རྒྱས་ཀྱི་ཞིབ་གྲོས་སྤེལ་རེས་ཀྱི་ཚོགས་འདུའི་ཐོག ཁྲེན་ཀང་གིས་སློབ་གསོ་ནི་དམངས་འཚོ་ཆེ་ཤོས་ཤིག་ཡིན་པས་རྫོང་ཡོངས་ཀྱིས་སེམས་ནུས་ཡོད་རྒུ་སློབ་གསོའི་ཐད་འཇོག་དགོས་པ་དང་། གཅེས་སེམས་ཚང་མ་སློབ་མའི་ཐད་སྤྱོད་པ་དང་དོ་སྣང་བྱེད་ས་ཚང་མ་སློབ་གསོའི་དོ་དམ་ཐད་འཇོག་དགོས་ཞེས། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་འབྲི་རུའི་སློབ་གསོའི་མ་འོངས་འཕེལ་རྒྱས་དང་མཐུན་པའི་“གཅིག་སྡུད་འོས་འཚམ་དང་། མཉམ་འབྲེལ་སློབ་གཉེར་”གྱི་ལམ་བུར་སྐྱོད་དགོས་པའི་མཛུབ་སྟོན་གནང་། 

特别是近期陈刚书记主持召开的教育工作发展研讨交流会上,陈刚指出,教育是最大的民生,全县教育工作者要把全部精力用在教育上,把全部爱心用在学生上,把全部注意力用在教育管理上。要坚定不移地走经过比如教育实践检验,符合比如教育发展的“适度集中、联合办学”之路。

ལོ་བརྒྱའི་ཇུས་ཆེན་འགོད་པར་སློབ་གསོ་རྩ་བར་འཛིན་དགོས། འདི་ལོ་རང་རེའི་རྫོང་དུ་དགེ་རྒན་གསར་པ་མི་གྲངས་280དང་། དེ་ཕུད་ལས་གནས་བསྒྱུར་བའི་དགེ་རྒན་35དང་གྲོང་གསེབ་རིམ་པའི་བུ་བཅོལ་ཁང་གི་དགེ་རྒན་(ལས་ཞུགས་མ་ཐུབ་པའི་སློབ་ཆེན་སློབ་མ་)39དང་ལེན་བྱས་ཡོད་ལ། ལྷ་སའི་དགེ་འོས་སློབ་གྲྭའི་དངོས་སྦྱོང་སློབ་མ་16དང་ཧུའུ་ཀྲོའུ་དགེ་འོས་སློབ་གླིང་གི་དངོས་སྦྱོང་སློབ་མ་15དང་ལེན་བྱས་པ་མ་ཟད། དགེ་རྒན་མི་གྲངས་105བཀོད་སྒྲིག་བྱས་ནས་2019ལོའི་རྒྱལ་ཁབ་གསོ་སྦྱོང་འཆར་གཞིའི་གཅིག་སྡུད་གསོ་སྦྱོང་ཁག་ནང་ཞུགས་ཡོད་པ་རེད།  མིག་སྔར། ངེད་རྫོང་དུ་ཁྱོན་བསྡོམས་སློབ་མ་17920ཡོད། ཤང་གྲོང་བརྒྱད་ཀྱི་སློབ་ཆུང་འཛུགས་སྐྲུན་རྒྱ་སྐྱེད་མགྱོགས་མྱུར་ལས་མཇུག་འགྲིལ་གྲབས་ཡོད་པ་དང་། རྫོང་གྲོང་གི་སློབ་གྲྭ་བཞིའི་རྣམ་གྲངས་སྤྱིའི་ཆ་ནས་ལས་མཇུག་འགྲིལ་བ། གྲོང་ཚོ་རིམ་པའི་བུ་བཅོལ་ཁང་5ལེགས་བཅོས་བྱེད་བཞིན་ཡོད་པས་ལེགས་བཅོས་བྱས་ཚར་རྗེས་སྤྱོད་འགོ་ཚུགས་རྒྱུ་རེད།

百年大计,教育为本。今年,我县新分教师280名,除此之外,接受了35名转岗教师、39名乡村级幼儿园教师(大学生未就业),接受并安排了16名拉萨师校实习生、15名湖州师范学院的实习生,并安排105名教师参加了2019年国培计划的各项集中培训。截止目前,我县共有学生17920人。八个乡镇小学改扩建快完工,四个县城学校项目已基本完工,5所村级幼儿园正在整改,整改完毕后投入使用。

2019ལོར། སློབ་མའི“འགན་ལེན་གསུམ”གྱི་སློབ་སྐྱོར་རོགས་དངུལ་དང་འཚོ་བཅུད་ལེགས་གཏོང་གི་གྲོན་དངུལ་ལོ་འགོའི་སྔོན་རྩིས་དམིགས་ཚད་སྒོར་ཁྲི་7090.21ཟིན་པ་དང་སློབ་མའི་སྤྱི་སྤྱོད་གྲོན་དངུལ་ལོ་འགོའི་སྔོན་རྩིས་དམིགས་ཚད་སྒོར་ཁྲི་3096.45ཟིན་ཡོད་པ་རེད། 

2019年,学生“三包”助学金及营养改善经费年初预算指标数达7090.21万元,学生公用经费年初预算指标数达3096.45万元。

2019ལོར་རང་རེའི་རྫོང་གིས་ནག་ཆུའི་དམངས་ཡོངས་ཀྱི་ལུས་སྦྱོང་ལུས་རྩལ་འགྲན་ཚོགས་སྐབས་དང་པོའི་ཐོག་བུད་མེད་ལག་རྩེད་སྤོ་ལོའི་འགྲན་བསྡུར་ལ་ཨང་དང་པོ་ཐོབ་པ་དང་སྐྱེས་པའི་ལག་རྩེད་སྤོ་ལོའི་འགྲན་བསྡུར་ལ་ཨང་གསུམ་པ་ཐོབ་པ་མ་ཟད། ཟླ་9པར་“གསའ་ཕུ་བུམ་པའི”རྐང་རྩེད་སྤོ་ལོའི་འགྲན་བསྡུར་སྐབས་ལྔ་པ་བདེ་བླག་ངང་གཉེར་བ་རེད། 

2019年,我县在那曲首届全民健身运动会上女子篮球赛获得冠军,男子篮球赛获得季军;并于9月成功举办了第五届“萨普杯”足球赛。 

ཀྲེ་ཅང་ཞིང་ཆེན་གྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག་རྒྱ་ཡིག་མིག་མངས་འབྲི་རུར་ཐོག་མར་བྱུང་བ་དང་ཧྲའོ་ཤིན་གྲོང་ཁྱེར་ལུའུ་ཞུན་མཐོ་རིམ་སློབ་འབྲིང་དང་། ཧྲའོ་ཤིང་སྤྱི་ཚོགས་དཔེ་མཛོད། དབན་ཧྥང་དཔེ་དེབ་ཚོགས་པ། ཁག་དགུ་པའི་བོད་སྐྱོར་ཤེས་ལྡན་མི་སྣ་ཀྲུའུ་ཡུང་བཅས་ཀྱིས་འབྲི་རུ་རྫོང་དམའ་རིམ་སློབ་འབྲིང་གཉིས་པར་དཔེ་དེབ་4000ཞལ་འདེབས་ཕུལ་བ་དང་།ཧྲའོ་ཤིན་གྲོང་ཁྱེར་ཁོ་ཆའོ་ཆུས་ཀྱི་ཁེར་གཉེར་བ་སྐུ་ཞབས་ཁྲེན་ཤིན་དབྱིང་གིས་ཞལ་འདེབས་བརྒྱབ་པའི་དབྱིན་ཡིག་གི་ཉན་ནུས་སྒྲིག་ཆས་ཀྱིས་འབྲི་རུ་རྫོང་དམའ་རིམ་སློབ་འབྲིང་གཉིས་པའི་དབྱིན་ཡིག་སློབ་ཁྲིད་དེ་ཐོས་ནུས་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་དང་།“ཀྲེ་ཅང་ཞིང་ཆེན་དབུན་ལིང་གྲོང་ཁྱེར་གྱི་མི་བརྒྱའི་སློབ་སྐྱོར་ཞབས་ཞུ་ལྟེ་གནས”ཀྱིས་འབྲི་རུ་རྫོང་གི་སློབ་མ་དབུལ་པོ་39ལ་སློབ་སྐྱོར་རོགས་དངུལ་སྒོར་78000སྤྲད་པ། ཧྲའོ་ཤིན་གྲོང་ཁྱེར་དགེ་སྒྲུབ་སྤྱི་ཁྱབ་ཚོགས་པས་ཧྲའོ་ཤིན་གྲོང་ཁྱེར་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་དང་མཉམ་འབྲེལ་བྱས་ཏེ། སྤྱི་ཚོགས་ལ་ཕྱོགས་ནས་“བརྩེ་སེམས་ལ་བརྟེན་ནས་ཐག་རིང་དུ་བསྐྱོད་དེ་དགུན་དུས་ལ་དྲོ་སྐྱིད་སྦྱིན་”ཞེས་པའི་དགེ་སྒྲུབ་མ་དངུལ་བསྡུ་རུབ་ཀྱི་བྱེད་སྒོ་སྤེལ་བ་དང་། མ་དངུལ་སྒོར་179457བསྡུ་རུབ་བྱས་ནས་འབྲི་རུའི་སློབ་མར་གྲང་ངར་འགོག་པའི་དངོས་ཟོག་ཉོ་སྒྲུབ་སོགས་ཀྱི་ཐད་སྤྱད་དེ་བོད་སྐྱོར་གྱི་བརྩེ་སེམས་ཟབ་མོ་མངོན་པར་བྱས་ཡོད། 

在浙江省的无私援助下,汉字棋首次进入比如;绍兴市鲁迅高级中学、绍兴人文图书、万方图书团队和第九批援藏人才朱勇向比如县第二初级中学捐赠4000册图书;绍兴市柯桥区个体经营者陈兴英先生捐赠的英语听力设备让比如县第二初级中学英语课从此告别无听力历史;“浙江省温岭市百人助学服务中心”助学金共资助比如县贫困学生39人,发放资助金78000元;绍兴市慈善总会联合绍兴市市直机关工委,面向社会发起“以爱远足,温暖衣冬”慈善募集资金活动,募集资金179457元用于帮助比如学子购买御寒物资等等,无不彰显援藏情深。

2019ལོར་རང་རེའི་རྫོང་གི་འབྲིང་རྒྱུགས་ཀྱི་ཆ་སྙོམས་སྐར་གྲངས་310.38ཟིན་པ་དང་། སྤྱིའི་གྲུབ་འབྲས་ནག་ཆུ་གྲོང་ཁྱེར་གྱི་ཨང་གསུམ་པ་དང་རྫོང་ཁག་གི་ཨང་དང་པོར་སླེབས་པ། དེའི་ནང་སྐར་གྲངས་600ཡན་གྱི་སློབ་མའི་མི་གྲངས་དེ་གྲོང་ཁྱེར་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་། སློབ་མ་སྒེར་གྱི་སྦྱངས་འབྲས་ནག་ཆུ་གྲོང་ཁྱེར་ཡོངས་ཀྱི་ཨང་དང་པོ་ནས་ལྔ་པའི་བར་སློབ་མ་3ཡོད་པ་རེད། རང་རྫོང་གི་འབྲིང་རྒྱུགས་ལ་བཞུགས་མཁན་གྱི་སློབ་མ་755ཚང་མ་ཞུགས་ཐུབ་པ་བྱུང་ནས་རྫོང་ཡོངས་སུ་སློབ་ཐོན་སློབ་མ་ཡིག་རྒྱུགས་མ་འཕྲོད་པ་གཅིག་ཀྱང་བྱུང་མེད། དེའི་ནང་གཙོ་གནད་མཐོ་རིམ་སློབ་འབྲིང་ལ་སློབ་མ་177དང་། མཐོ་འབྲིང་དཀྱུས་མར་སློབ་མ་369 ལྗོངས་ནང་ཁུལ་གྱི་ལས་རིགས་སློབ་གྲྭར་སློབ་མ་153ལྗོངས་ཕྱིའི་ལས་རིགས་སློབ་གྲྭར་སློབ་མ་2འབྲིང་རིམ་ལས་རིགས་སློབ་གྲྭར་སློབ་མ་54བཅས་ཚུད་ཡོད།  

2019年,我县中考平均总分380.38分,总成绩位列那曲市第三、各县第一,其中600分以上人数全市第一,学生个人成绩全那曲市前5名中占3人。我县初三755人全部参加中考,全县初三毕业生零缺考且无一落榜。其中重点高中录取177人,普通高中录取369人,区内职校录取153人,区外职校录取2人,中职调剂录取54人。

2020ལོར། འབྲི་རུའི་སློབ་གསོས་ཏང་གི་དགོངས་དོན་ལག་བསྟར་ནན་པོ་བྱེད་པ་དང་། རྫོང་ཨུད་དང་རྫོང་སྲིད་གཞུང་གི་རེ་འདུན་བློ་ལ་བརྟན་པོར་ངེས་པ། རྫོང་ཡོངས་ཀྱི་མི་དམངས་ཀྱིས་སློབ་གསོར་ཡིད་སྨོན་ཆེན་པོ་བྱེད་པ་བློ་ལ་བརྟན་པོར་ངེས་པ། སྤྱོད་བཟང་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་བླང་བྱ་མཐའ་འཁྱོངས་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས“གཅིག་སྡུད་འོས་འཚམ་དང་མཉམ་འབྲེལ་སློབ་གཉེར་བྱེད་པའི”ལམ་བུའི་ཐོག་བསྐྱོད་པ། སློབ་གྲྭའི་བདེ་འཇགས་དང་། སློབ་གྲྭའི་དོ་དམ།  སློབ་ཁྲིད་སྤུས་ཚད་མཐོར་གཏོང་བཅས་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ། དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་པ། འོས་འགན་སློབ་གསོ་དོ་སྙོམས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། དུས་ཚོད་དང་རྒྱུག་འགྲན་བྱེད་པ་བཅས་ཀྱི་ཐོག་ནས་སླར་ཡང་འོད་སྟོང་འབར་བའི་འབྲི་རུའི་སློབ་གསོ་གཏོད་ཐུབ་ངེས་ཡིན།

2020年,比如教育必将牢牢贯彻党的教育方针,牢记县委、县政府的殷切希望,牢记全县人民对教育的美好向往,坚持立德树人要求,坚定不移走“适度集中、联合办学”之路,切实加强校园安全、学校管理、提高教学质量,抓好教师队伍建设,促进义务教育均衡发展,与时间赛跑,再创比如教育辉煌。

文字素材:比如县教育局

撰稿:网信办  肖晓燕

主编:吴晓聪

编辑:肖晓燕

校对:米玛次仁  旦增多吉  桑珍


རྩོམ་བསྐུར་ཡིག་སྒམ། ༢༨༧༧༣༩༩༤@qq.com 

投稿邮箱号:28773994@qq.com


—The End—

  • 大家都在看

1、如果从萨普冰川归来,别去酒店,就去茶曲泡温泉!

2、一天两个金奖,“比如”不止是“for example”,更是藏北的一个明星县!

3、比如县人民医院开展那曲市第一例宫腔镜手术

4、恭喜比如县丁嘎热巴文艺队又摘全国大奖!

5、喜大普奔!热如锅庄又双叒叕摘全国广场舞“特等奖”桂冠!

6、喜报!比如县女子篮球在那曲市首届全民健身运动会上夺冠!

7、创造历史!比如县人民医院外科开展肾修补术、肝修补术!

8、厉害了!比如县夏曲姑娘美朵拉吉在第二届全国青年运动会国际式摔跤比赛获得金牌

比如县互联网违法与不良信息举报中心

举报电话:0896—3622698

比如县扫黑除恶举报电话

比如县公安局扫黑办:0896—3923535

                                0896—3622044

比如县扫黑办:0896—3622692

娜秀比如  岂止于美

长按识别二维码,关注我们


点“在看”给我一朵小黄花

继续滑动看下一个

您可能也对以下帖子感兴趣

文章有问题?点此查看未经处理的缓存